Тёмный

༄༅། །ནང་ཆོས་ངོ་སྤྲོད། ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༢ ༼ཁ ༽ 

TibetTV
Подписаться 125 тыс.
Просмотров 3,9 тыс.
50% 1

༄༅། །ནང་ཆོས་ངོ་སྤྲོད། ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༢ ༼ ཁ ༽
སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་བྱུང་རིམ་ལོ་རྒྱུས། སྨིན་གླིང་མཁན་པོ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་མཆོག་གི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་དེ་བོད་ནང་དར་ཚུལ་སྐོར་གསུངས་ཡོད།
སྨིན་གླིང་མཁན་པོ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ནི། བོད་ཤར་ཕྱོགས་ཁམས་གོ་འཇོའི་ཡུལ་དུ་སྐུ་འཁྲུངས་ཤིང་། དེ་ནས་བཙན་བྱོལ་དུ་ཕེབས་འབྱོར་གྱིས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་གྱི་མངའ་ཁོངས་སུ་ཆགས་ཡོད་པའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་འོག་མིན་ཨོ་རྒྱན་སྨིན་སྨིན་གྲོལ་གླིང་དུ་ཞུགས་ཏེ། དགོན་པའི་གྲྭ་ཚང་དུ་སྔ་འགྱུར་བཀའ་མའི་ཆོ་ག་སོགས་སུམ་རྟགས་སོགས་ལ་སྦྱངས་བརྩོན་བྱས་རྗེས་སྤྱི་ལོ་༢༠༠༡ ལོར་སྨིན་གླིང་མཐོ་སློབ་ཏུ་ཞུགས་རྒྱུའི་བསྐལ་བཟང་ཐོབ།
སྤྱི་ལོ་༢༠༡༠ ལོར་མཐོ་སློབ་མཐར་ཕྱིན་ཏེ་ལོ་ངོ་གསུམ་གྱི་རིང་ལ་དཔེ་ཁྲིད་དགེ་རྒན་གྱི་ཞབས་ཞུ་བསྒྲུབས། སྤྱི་ལོ ༢༠༡༣ ལོར་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བཤད་གྲྭའི་རྒྱུན་ལས་ནས་ཐག་ཆོད་བྱུང་བ་བཞིན། འཕགས་ཡུལ་སྨིན་གྲོལ་གླིང་བཤད་གྲྭའི་མཁན་ཐོག་གསུམ་པའི་གྲལ་གྱི་མཁན་པོ་རུ་མངའ་གསོལ་མཛད། བཤད་གྲྭའི་དཔེ་མཛོད་དོ་དམ་ལོ་གསུམ་དང་། ཚོགས་གཞོན་ལོ་གཉིས། ཚོགས་གཙོ་ལོ་གཅིག་གནང་བ་དང་།
རྙིང་མའི་བླ་ཆེན་ཁག་གི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་སོགས་མང་དུ་ཞུས་པ་དང་། གཞན་ཡང་ཆོས་བརྒྱུད་རིས་མེད་ཀྱི་བགྲོ་གླེང་མང་པོར་མཉམ་ཞུགས་གནང་ཡོད། གནས་མཆོག་རྡོ་རྗེ་གདན་དུ་མི་ཕམ་པའི་རྣམ་འགྲེལ་འགྲེལ་ཆེན་དང་། ས་པཎ་གྱི་ཚད་མ་རིག་གཏེར་གཉིས་དགོངས་པ་འགལ་མེད་དང། དབུ་མ་ཐལ་རང་གི་གྲུབ་མཐའི་དགོངས་པ་འགལ་མེད་ཡིན་ཚུལ་གྱི་དམ་བཅའ་བཟུང་བ་གནང་ཡོད།
དེ་བཞིན་ཝ་ར་ན་སིར་སེམས་ཙམ་པའི་ལྟ་གྲུབ་སྐོར་དང། བོད་རྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དང་། ཤྲི་རི་ལང་ཀའི་ཡུལ་གྱི་གནས་བརྟན་སྡེ་པའི་ལུགས་གཉིས་པོ། དམ་ཆོས་འདུལ་བའི་སྐོརབགྲོ་གླེང་ཐོག་མཉམ་བཞུགས་གནང་འདུག ཕྱི་ལོ་ ༢༠༡༠ ནས་ད་བར་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་སོགས་ཀྱི་དཔེ་ཁྱིད་ཀྱི་འག་ཁུར་ཞབས་ཞུ་གང་ལེགས་བསྒྲུབས་དང་སྒྲུབ་བཞིན་རེད་འདུག དེ་བཞིན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་དངུལ་ག་ཉེར་གྱི་འགན་ཁུར་ཡང་བཞེས་བཞིན་ཡོད།

Опубликовано:

 

11 окт 2020

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии    
Далее
Dora was kidnapped and then… 😨 #shorts
00:18
Просмотров 2,8 млн