Тёмный
No video :(

༄༅། །མཁན་པོ་བསྟན་འཛིན་ཀུན་དགའ་མཆོག་ནས་སྟག་ལུང་བཀའ་བརྒྱུད་ཀྱི་བྱུང་རིམ་ངོ་སྤྲོད། 

TibetTV
Подписаться 124 тыс.
Просмотров 2,1 тыс.
50% 1

༧དཔལ་སྟག་ལུང་བཀའ་བརྒྱུད་ཀྱི་བྱུང་རིམ་ངོ་སྤྲོད་གནང་མཁན་སྟག་ལུང་མཁན་པོ་བསྟན་འཛིན་ཀུན་དགའ་མཆོག་ནི། ཕྱི་ལོ་ ༡༩༧༥ ལོར་བོད་དུ་འཁྲུངས་ཤིང་ཕྱི་ལོ་༡༩༩༣ ལོར་རྒྱ་གར་དུ་འབྱོར། ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༢༠༡༡ བར་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་གནང་། སློབ་གཉེར་ཁང་གིས་གོ་བསྒྲིགས་གནང་བའི་བཀའ་དྲིན་ལས། སྔ་འགྱུར་མཐོ་སློབ་རྣམ་གྲོལ་གླིང་ནས་དཔེ་ཁྲིད་མཁན་པོ་གདན་ཞུས་དང་། དཔལ་སྤུངས་ཤེས་རབ་གླིང་དང་། རྫོང་གསར་བཤད་གྲྭ་གཉིས་སུ་ཆེད་གཏོང་གིས། རིས་མེད་བོད་བརྒྱུད་ནང་པའི་ཆོས་ལུགས་བཞིའི་ལྟ་གྲུབ་ལ་སློབ་གཉེར་གནང་སྟེ། དབུ་ཕར་རབ་འབྱམས་པ་དང་། རིས་མེད་སློབ་དཔོན་ཆེན་པོ་བཅས་ཀྱི་བསླབ་པ་མཐར་སོན།
ཕྱི་ལོ་ ༢༠༡༡ ལོར་སྟག་ལུང་རང་ཁུངས་ནས་མཁན་པོའི་མཚན་གནས་བསྩལ་ཏེ་བལ་ཡུལ་སྤོག་ར་གློ་སྒྲིག་བྱམས་པ་གླིང་བོད་མིའི་གཞིས་ཁོངས་སུ། སྟག་ལུང་པའི་བྱེས་ཀྱི་གདན་ས་དཔལ་སྟག་ལུང་རྡོ་རྗེ་གདན་སྡོམ་གསུམ་འདུས་པ་རྒྱ་མཚོའི་གླིང་གསར་བཞེངས་ཀྱི་ལས་འཆར་དང་འཛིན་སྐྱོང་གི་འགན་ཁུར་བཞེས་མུས་མ་ཟད། ཕྱི་ལོ་ ༢༠༡༧ ལོར་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ནས་བྱེས་ཀྱི་གདན་ས་དཔལ་སྟག་ལུང་རྡོ་རྗེ་གདན་སྡོམ་གསུམ་འདུས་པ་རྒྱ་མཚོའི་གླིང་གི་མཁན་ཆེན་གྱི་མཚན་གནས་བསྩལ་ཏེ་ད་ལྟ་བྱེས་ཀྱི་གདན་སའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས་བཞིན་པ་བཅས་སོ།།

Опубликовано:

 

15 ноя 2020

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии    
Далее
what will you choose? #tiktok
00:14
Просмотров 7 млн
مسبح السرير #قصير
00:19
Просмотров 2,5 млн