Тёмный

ཁྱིམ་ཚང་སློབ་གསོ། དགེ་བཤེས་ཡེ་ཤེས་རྒྱལ་མཚན། ཚན་པ་དང་པོ། Parenting education 

Sherig Video
Подписаться 20 тыс.
Просмотров 2,3 тыс.
50% 1

ངོ་སྤྲོད་དང་དམིགས་ཡུལ།
ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༥ ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་སུ་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུ་རྒྱུ་དང་། དེའི་ནང་ཕྲུ་གུ་གསོ་སྐྱོང་ཐོག་མཁས་པ་དང་ཁྱད་ལས་པ་རྣམས་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཕ་མ་དང་། དེ་ནས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་རིགས་ཕ་མ་རྣམས་ནས་རང་གི་ཕྲུ་གུ་གསོ་སྐྱོང་གནང་སྟངས་ཐོག་ཉམས་མྱོང་སྤེལ་རེས་གནང་རྒྱུ་ཡིན།
ཕུགས་ཀྱི་དམིགས་ཡུལ།
སྐྱེ་འགྲོ་ཀུན་ལ་ཕན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་གནང་བ་བཞིན་བོད་མི་རྣམས་ནས་འཇིག་རྟེན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་རྒྱུ།
འཕྲལ་གྱི་དམིགས་ཡུལ།
• བོད་རིགས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་སྐོར་གོ་རྟོགས་སྤེལ་རྒྱུ།
• བོད་ཕྲུག་ཚོར་བོད་པའི་བསམ་བློ་དང་བོད་པའི་སྐད་ཤོད་ཐུབ་པ།
• ཕྲུ་གུའི་ལུས་ངག་ཡིད་གསུམ་གྱི་ཕྱོགས་ཡོངས་ཀྱི་འཚར་ལོངས་ལ་དོ་སྣང་སྤྲོད་ཐུབ་པ།
• ཕྲུ་གུའི་འཚར་ལོངས་ནང་མ་སྐད་ཧ་ཅང་གལ་ཆེན་པོ་ཡིན་པ་ཚོར་ཐུབ་པ།
• ཕྲུ་གུ་ཚོའི་མ་འོངས་མི་ཚེ་དོན་དང་ལྡན་པ་ཡོང་ཐབས།
• མ་འོངས་པར་བོད་ཕྲུག་རྣམས་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་ཐུབ་མཁན་ཞིག་ཆགས་ཐུབ་པ་བཅས་སོ།།
Subscribe to SherigVideo
SherigVideo gets more interesting and more entertaining in future
Do not forget to LIKE & SHARE the Video
COMMENT and let us know your views and suggestion for SherigVideo Channel
Find Us on:
FACEBOOK: / tibetaneducation
OFFICIAL WEBSITE: sherig.org/
visit our E-Learning Portal: bodyiglobjong.com/
© 2024 Department of Education CTA

Опубликовано:

 

28 авг 2024

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии : 8   
@pemakhando6195
@pemakhando6195 3 месяца назад
དགེ་བཤེས་ལགས་དཔེ་ཡག་པོ་གསུངས་འདུག་❤❤
@sonamlhadon6635
@sonamlhadon6635 3 месяца назад
ཐུགས་རྗེ་ཆེ་གནང་དགེ་བཤེས་ལགས།
@tenzinwangchuk1416
@tenzinwangchuk1416 3 месяца назад
ཤེས་འཇོན་གཉིས་ལྡན་གྱི་དགེ་བཤེས་ཞིག་རེད།
@jigmeyjigmey9000
@jigmeyjigmey9000 3 месяца назад
དོན་གྱི་དགེ་བཤེས་ཞིག་རེད་་ངོ་མ་ཡག་པོ་བཤད་འདུག
@lobsanggelek8673
@lobsanggelek8673 3 месяца назад
དཔེ་ཡག་པོ་གསུང་འདུག་པས་ཐུགས་རྗེ་ཆེ་ཡང་ཡང་ཞུ།།
@tashinaka5201
@tashinaka5201 3 месяца назад
ཆོས་སྲིད་ཟུང་འབྲེལ་མི་དགོས།། བོད་མི་གཡང་ལ་གཡུག་སོང་།། ཆོས་པ་ཆོས་པའི་སར་སྡོད།། ཁྱིམ་པར་བྱུས་གཏོགས་མ་བྱེད།། ལག་ལེན་སྣ་གཅིག་མེད་པའི།། ཁ་བཤད་སྣ་པར་གཟན་སོང་།། བྱིས་པར་སློབ་གསོ་མཁོ་ན།། གྲྭ་ཕྲུག་དག་ལ་སྤྲོད་ཤོག། གྲྭ་ལོག་ལྟ་ལོག་མང་པོ།། དགོན་པའི་ནང་ནས་ཐོན་གི།། སྤྱི་ཚོགས་ཁྲག་བཞིན་དཀྲུགས་མཁན།། གུ་དོག་རྙིང་ཞེན་བྱེད་མཁན།། ཕྱོགས་ཞེན་རིས་སུ་གཅོད་མཁན།། མང་ཤོས་གྲྭ་ལོག་རེད་ཞག། སློབ་གསོ་བཤད་སྙིང་འདོད་ན།། དགོན་སྡེ་སློབ་གསོ་བཤད་ཤོག། སྡུག་རུས་ངན་ཚད་ཐམས་ཅད།། དགོན་སྡེ་ཁག་ནས་ཡོང་བའི།། གནད་འགག་དེ་ནས་བཤད་ཤོག།
@tseringdolkar4229
@tseringdolkar4229 3 месяца назад
🙏👍
Далее
🛑самое грустное видео
00:10
Просмотров 164 тыс.
བརྙན་ཐུང་བཞི་པ་
9:29
Просмотров 7 тыс.
His Holiness Gives a Talk in the Tent
1:00:47
Просмотров 9 тыс.