Тёмный

ཉིན་ཞག་ཕྲུགས་གཅིག་ལ་དགེ་སྦྱོར་ཇི་ལྟར་བྱ་བའི་ཚུལ། ༼དུམ་བུ་དང་པོ༽How to do daily practices (part one) 

gomde Lharampa
Подписаться 4,3 тыс.
Просмотров 12 тыс.
50% 1

October 29, 2016
⟪འགྱུར་སྔགས⟫
ༀ་སམྦྷ་ར་སམྦྷ་ར། བི་མ་ན་ས་ར་མཧཱ་ཛ་བ་ཧཱུཾ། ༀ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མཧཱ་ཛ་བ་ཧཱུཾ། ཞེས་པའི་འགྱུར་སྔགས་བདུན་བརྗོད། འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་(སྡེ་དགེ་བཀའ་འགྱུར་མདོ་སྡེ)(ཞ་པ)༣༠༦ན༢ལས། དེ་བཞིན་དུ་མཆོད་པ་དང་བཤགས་པ་ལ་སོགས་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་དམིགས་པའི་སྤྱན་སྔར་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་སམྦྷ་ར་སམྦྷ་ར། བྷི་མ་ན་ས་ར། མ་ཧཱ་ཛཱ་བཱ་ཧཱུཾ། གང་གསང་སྔགས་དེ་བཟླས་པས་ཅི་དང་ཅི་འདོད་པ་དེ་ཐམས་ཅད་འགྲུབ་ཅིང་ལྷའི་མཆོད་པའི་སྤྲིན་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་ཉིན་མོ་ཡང་རུང་མཚན་མོ་ཡང་རུངཡོངས་སུ་བསྔོ་བའི་འཁོར་ལོ་ཆེན་པོ་འདི་ཀློག་ཅིང་འདོན་ན། དེའི་སྡིག་པ་མི་དགེ་བའི་ལས་འབྱང་ཞིང་ཉོན་མོངས་པ་ཐམས་ཅད་ཁད་ཀྱིས་སྦྱོང་བར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་སྔ་མ་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །ལན་ཅིག་བཀླགས་པ་ཙམ་གྱིས་ཀྱང་ཚངས་པ་བརྒྱའི་དཔལ་དང་ལྡན་ཞིང་རྨི་ལམ་ན་ཡང་རྟག་ཏུ་སངས་རྒྱས་མཐོང་བར་འགྱུར་རོ། །ཚེ་འདས་ནས་ཀྱང་ཡོངས་སུ་དག་པའི་ཞིང་དུ་སྐྱེའོ། ཞེས་གསུངས་སོ། །དོགས་གཅོད། ཞལ་འདོན་དཔེ་ཆའི་མཆན་བུ་འགའ་ལས། འགྱུར་སྔགས་འདི་ལན་བདུན་བཟླས་ན་དགེ་སྦྱོར་གང་བྱས་འབུམ་འགྱུར་དུ་འགྲོ་བ་ཡོངས་སུ་བསྔོ་བའི་མཁོར་ལོའི་མདོ་ལས་གསུངས། ཞེས་འབྱུང་ཡང་། ཡོངས་སུ་བསྔོ་བའི་མཁོར་ལོའི་མདོ་ན་དེ་འདྲ་གསུངས་པ་མེད་དོ། །
༧ ⟪འཕྲེང་བའི་སྔགས⟫
ཨོ་རུ་ཙིར་མ་ཎི་པྲ་ཝརྟ་ཡ་ཧཱུཾ། འདི་ལན་བདུན་བཟླས་ནས་ཕྲེང་བ་ལ་ཕུ་བཏབ་སྟེ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པས་གསུངས་པའི་གསང་སྔགས་ཐམས་ཅད་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མར་བཟླས་པར་འགྱུར་བ་ནོར་བུ་རྒྱས་པའི་གཞལ་་མེད་ཁང་ལས་གསུངས།
༨ ⟪རྐང་མཐིལ་བྱིན་རླབས⟫
ཨོ་ཁྲེ་ཙ་ར་གྷ་ན་ཧཱུྃ་ཧྲི་སྭཱཧཱ། འདི་སྔ་དྲོ་ལན་གསུམ་བཟླས་ནས་རྐང་མཐིལ་ལ་མཆི་མ་བཏབ་ན་དེ་ཉིན་རྐང་འོག་ཏུ་ཤི་བའི་སྲོག་ཆགས་རྣམས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བར་གསུངས་པས་དེ་རྣམས་ཀྱང་བཟླ་བར་བྱའོ། །
༩ ⟪ངག་བྱིན་རླབས⟫
དེ་ནས་གྲུབ་ཆེན་ཁྱུང་པོའི་གདམས་པ་ངག་བྱིན་རླབས་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ལན་གསུམ། རང་ཉིད་ལྷར་གསལ་ལྕེ་སྟེང་དུ། །ཨ་ལས་ཟླ་སྟེང་ཨོ་དཀར་མཐར། །ཨཱ་ལི་དཀར་པོ་གཡས་སྐོར་དང། །ཀཱ་ལི་དམར་པོ་གཡོན་སྐོར་དང་། །རྟེན་སྙིང་སྔོན་པོ་གཡས་སྐོར་ལ། །དམིགས་ནས་ནང་རིམ་སྦྲུལ་དུ་བཟླས། །ཨོ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱི་ལི་ལཱི་ཨེ་ཨི་ཨོ་ཨཽ་ཨཾ་ཨསཱཧཱ།ལན་གསུམ། ཨོཾ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱཧཱ། ལན་གསུམ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤ་མ་ཎ་ཡེ་སྭཱཧཱ། ལན་གསུམ། ས་བོན་སྔགས་ཕྲེང་འོད་ཟེར་གྱིས། །འཇིག་རྟེན་འདས་དང་མ་འདས་ཀྱི། །གསུང་ངག་བྱིན་མཐུ་སྔགས་གསུམ་དང་། །ཕུན་ཚོགས་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་རྣམ་པར་བཀུག །ཐིམ་པས་རྟེན་སྙིང་ཀཱ་ལི་དང་། །ཨཱ་ལི་ཨོ་ཡིག་ཟླ་གདན་རྣམས། །སྔ་མ་ཕྱིར་ཐིམ་ཨ་ཡིག་གྱུར། །དེ་ཡང་དཀར་དམར་བདུད་རྩིར་ཞུ། །ལྕེར་ཐིམ་རྡོ་རྗེའི་རང་བཞིན་གྱུར། །ཞེས་བསམ་པའི་ཕན་ཡོན་ནི། འདི་ཡི་ངག་ནུས་ཕུན་ཚོགས་ཤིང་། །བརྗོད་པའི་བཟླས་པ་བྱེ་འགྱུར་དང་། །སྔགས་ནུས་ཟ་བས་མི་འཕྲོག་ཅིང་། ངག་འཁྱིལ་བཟླས་པར་འགྱུར་ཞེས་བཤད། །ཅེས་གསུངས་སོ། །
༡༠ ⟪བླ་མའི་མཚན་སྔགས⟫
དེ་ནས། དབང་ཕྱུག་བརྒྱད་ལྡན་འཇམ་དཔལ་སྙིང་པོ་ཡི། །མདོ་སྔགས་ཆོས་ཚུལ་མ་ལུས་ལེགས་རྟོགས་ནས། །འགྲོ་ལ་ལམ་བཟང་སྟོན་པའི་གཉེན་གཅིག་པུ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་གསོལ་འདེབས་ལན་གསུམ་དང་། ཨོ་ཨཱ་གུ་རུ་ཤཱ་ར་དྷརྨ་བྷ་དྲ་སིདྷི་ཧཱུཾ་ཧཱུཾ། ཞེས་མཚན་སྔགས་ལན་བདུན་སོགས་རང་རང་གི་རྩ་བའི་བླ་མའི་གསོལ་འདེབས་དང་མཚན་སྔགས་བཟླས་ལ། བདག་གི་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །ཉམ་ཐག་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །དགྱེས་པའི་ཞལ་བཟང་བདག་ལ་བསྟན་དུ་གསོལ། །དབུགས་དབྱུང་གསུང་གི་གནང་བ་སྩལ་དུ་གསོལ། །རྩེ་གཅིག་སྙིང་ནས་གསོལ་བ་འདེབས་པའི་ཚེ། །བདེ་ཆེན་འཁོར་ལོའི་དབུས་སུ་ལེགས་བཞུགས་ནས། །ཡིད་ལ་བསམ་པའི་འདོད་དོན་མ་ལུས་པ། །གེགས་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཚོགས་གཉིས་གསོག་དང་སྡིག་ལྟུང་བཤགས་པའི་ཚེ། །མདུན་གྱི་ནམ་མཁའི་དབྱིངས་སུ་ལེགས་བཞུགས་ནས། །རླབས་ཆེན་ཚོགས་གཉིས་ཡོངས་སུ་རྫོགས་པ་དང་། །བཅས་རང་ཉེས་ལྟུང་བྱང་བར་བྱིན་གྱིས་རློབས། །བྱང་ཆུབ་བར་གྱི་ཉིན་མཚན་དུས་ཀུན་ཏུ། །སྙིང་དབུས་པདྨའི་ཟེའུ་འབྲུར་ལེགས་བཞུགས་ནས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་བདེ་བླག་འགྲུབ་པར་བྱིན་གྱིས་རློབས། །བདག་གི་བློ་སྣ་ཆོས་ལ་ཕྱོགས་པ་དང་། །ཆོས་མིན་བསམ་སྦྱོར་ངན་པ་ཞི་བ་དང་། །ཆོས་དང་མཐུན་པའི་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དང་། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། རེ་སའི་སྐྱབས་གནས་བླ་མ་ཁྱེད་ལས་མེད། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །མགོན་སྐྱབས་བྲལ་བའི་ཉམ་ཐག་བདག་ཅག་ལ། །རྗེ་བཙུན་བླ་མའི་ཐུགས་རྗེས་རབ་དགོངས་ནས། །སྐུ་དང་གསུང་གི་སྣང་བ་འབྲལ་མེད་དུ། །ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྗོད་པ་ནི། རྒྱལ་བ་རྒོད་ཚང་པས། བསྐྱེད་རིམ་སྒོམ་པ་མང་ལགས་ཏེ། །བླ་མ་སྒོམ་པའི་གོང་ན་མེད། །བཟླས་བརྗོད་བྱེད་པ་མང་ལགས་ཏེ། །གསོལ་བ་འདེབས་པའི་གོང་ན་མེད། །རྒྱུན་དུ་གསོལ་བ་བཏབ་པ་ན། །འབྲལ་མེད་ཉམས་མྱོང་འོང་བར་ངེས། །ཞེས་གསུངས་པ་ལྟར། བདེ་ལེགས་ཐམས་ཅད་ཀྱི་རྩ་བའི་བླ་མ་ལ་གསོལ་བ་འདེབས་པའོ། །

Опубликовано:

 

1 мар 2020

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии : 28   
@nyimagyalpo9451
@nyimagyalpo9451 3 года назад
ཐུགས་རྗེ་ཆེ་རྒན་ལགས་།🙏🙏🌺🌺
@tenzinurgyen9898
@tenzinurgyen9898 4 года назад
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་
@ttenzin4156
@ttenzin4156 4 года назад
བཀའ་དྲིན་ཆེ།
@pema9459
@pema9459 4 года назад
ཐུགས་རྗེ་ཆེ་དགེ་བཤེས་ལགས།
@user-pv9gq5jo2m
@user-pv9gq5jo2m 3 года назад
🌸🌸🌺🌸🌸🌸🌼🌼🌹🌹
@LOVESHERPA_1234
@LOVESHERPA_1234 3 года назад
🙏🙏🙏
@pechoelama2699
@pechoelama2699 4 года назад
🌷🌷🌷🙏🏻🙏🏻🙏🏻🌈🙏
@tsetenlamo8353
@tsetenlamo8353 Год назад
👍😊💜💫❤️‍🔥💥💗😊👌
@sonamchodon2298
@sonamchodon2298 3 года назад
Geshi la thanks for your precious teaching for lay person. 💕
@sonamsangmo797
@sonamsangmo797 Год назад
🙏🌹🙏🌹🙏🌹
@himalayansnowvoice
@himalayansnowvoice 4 года назад
Geshe la, thank you very much for your kind teachings.
@anandapath252
@anandapath252 2 года назад
🙏🏼🙏🏼🙏🏼
@Karuna196
@Karuna196 Год назад
Katrin Che Geshela
@Karuna196
@Karuna196 Год назад
Thank you 🙏 Geshela
@tenlama5350
@tenlama5350 3 года назад
Beat
@tashilhamu8137
@tashilhamu8137 Год назад
🙏🙏🙏🙏🙏🍧🍧🍧🌼🌼🌼
@sonamtopdenpekhang5133
@sonamtopdenpekhang5133 Год назад
Thanks 🙏
@tseringlama900
@tseringlama900 3 года назад
my dad said trengwey ngaag is OM RITSE RAMA NYI TAAKWAR TAYA HUNG , is there a way to confirm it ,
@Rigdoldrukpa800
@Rigdoldrukpa800 Год назад
Thank you geshey la, can you please give the name of that book la.
@Karuna196
@Karuna196 Год назад
Geshela, pls can you share all the mantra for daily life practice . I do not have this peja. I want to learn. Thank you 🙏
Далее
ЮТУБ ТОЧНО ВСЕ!
11:23
Просмотров 1 млн
BUDDHIST PILGRIMAGE By Gomde Lharampa
49:34
Просмотров 17 тыс.
ЮТУБ ТОЧНО ВСЕ!
11:23
Просмотров 1 млн