Тёмный

ཐུགས་དམ་ལ་ཇི་ལྟར་བཞུགས་པའི་གཏམ་བཤད། མཁན་པོ་དགའ་དབང་། 

PhotographybyNima
Подписаться 1,6 тыс.
Просмотров 15 тыс.
50% 1

ཐུགས་དམ་དུ་བཞུགས་པ།
བཀའ་བརྒྱུད་ཀྱི་ཉམས་ལེན་པ་མང་པོ་ཞིག་ཤི་བ་ན་ཐུགས་དམ་དུ་བཞུགས་རབས་བཤད་དུ་ཡོད་ཅིང་། ཐུགས་དམ་ལ་ཇི་ལྟར་བཞུགས་པའི་སྐོར་རྒྱ་གཞུང་གསལ་ཁ་ཅན་མཐོང་མྱོང་མེད་མོད། ཀརྨ་པ་དབང་ཕྱུག་རྡོ་རྗེས། འབྲི་གུང་བླ་མ་རིན་བསམ་པའི་དྲིས་ལན་དུ་གསུང་པ་ནི། ཤེས་གལ་ཆེས་ཆེ་བའི་འགག་འདུས་གནད་ཚང་དུ་གདའ་བ་གོ་བདེར་བྱེད་ན། འདི་ལྟར།
དྲི་བ་དང་། ལན་ནོ། །དྲི་བ་ནི། རྣལ་འབྱོར་པ་རྣམས་འཆི་བའི་རྟགས་རྫོགས་ནས། །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་རྗེས་སུ། །ཐུགས་དམ་བཞུགས་ཞེས་ཟེར་བ་འདི་ཉིད་ནི། །འཐད་དམ་མི་འཐད་ཟེར་བ་འདི་ཡི་ལན། །ཞེས་རྣལ་འབྱོར་པ་ཤི་བ་སྟེ་དུག་གསུམ་གྱི་རྟོག་པ་བརྒྱད་ཅུ་རང་བཞིན་གྱིས་འགགས་པའི་རྗེས་སུ་ཐུགས་དམ་དུ་བཞུགས་པ་ཟེར་བ་འཐད་མིན་གྱི་དྲི་བ་ཞུས་པའོ། །
ལན་ལ་ངོ་རྟགས་དང་། དབྱེ་བའོ། །ངོ་རྟགས་ནི། ཤི་རྗེས་རོ་ཡི་མདངས་རྣམས་མ་ཡལ་ཞིང་། །རྣམ་པར་ཤེས་པ་མ་འཕོས་གནས་པ་ལ། །ཐུགས་དམ་བཞུགས་པའི་རྟགས་སུ་ངོས་འཛིན་བྱེད། །ཅེས་ཐུགས་དམ་དུ་བཞུགས་པའི་ངོ་བོ། རྣམ་ཤེས་ལུས་ནས་མ་འཕོས་པས། རོ་ཡི་མདངས་རྣམས་མ་ཡལ་བ་ནི། ཐུགས་དམ་དུ་བཞུགས་པའི་རྟགས་ཡིན་ནོ། །
དབྱེ་བ་ལ། དམན་པ་དང་། མཆོག་གོ །དམན་པ་ནི། འདི་ལ་གདོན་གྱིས་བརླམས་དང་ཆགས་པ་དང་། །ཞི་གནས་འཐུག་པོའི་ངང་དུའང་སྡོད་པ་ཡོད། །འདི་རྣམས་དམན་པ་ཡིན་པས་དོན་མ་ཡིན། །ཞེས་ཐུགས་དམ་དམན་པའི་དབྱེ་བ་ལའང་། དང་པོ་གདོན་གྱིས་བརླམས་པ་སྟེ། ཕུང་པོ་ལ་འདྲེ་གདོན་ཞུགས་པ་དང་། གཉིས་པ་འཁོར་བའི་སྣོད་བཅུད་གང་རུང་ལ་ཞེན་པས་རྣམ་ཤེས་ལུས་དང་མི་འབྲལ་བ་དང་། གསུམ་པ་ཉམས་ལེན་བྱ་ཁུལ་བྱས་ནའང་བདེན་ཞེན་མ་ལྡོག་པ་སྟེ། ཞི་གནས་བདེ་གསལ་མི་རྟོག་པ་ལ་ཞེན་པས་ཐུགས་དམ་དུ་སྡོད་པ་འཁོར་བའི་གནས་སུ་གོལ་བ་དང་། བསྐྱེད་རིམ་ཨ་འཐས་སུ་ཞེན་པས། ཆགས་མེད་རི་ཆོས་ལས། དེ་འདྲའི་ཐེར་ཟུག་བསྐྱེད་རིམ་བརྟན་པོ་ནི། །ཤི་དུས་ཐུགས་དམ་བརྟན་ཞིང་བར་དོ་ན། །སྐུ་གཟུགས་ལྷ་དེ་འདྲ་བའི་འབྱུང་པོའི་རིགས །རིག་འཛིན་ཞེས་བྱ་རླུང་ལྷའི་འཁོར་དུ་སྐྱེ། །ཞེས་ཐུགས་དམ་དུ་བསྡད་དེ་འབྱུང་པོར་སྐྱེ་བ་འདི་དག་ནི་ཐུགས་དམ་ངོ་མ་མ་ཡིན་ནོ། །
མཆོག་ལ། ཐིམ་རིམ་ནི། སྣང་མཆེད་ཐོབ་གསུམ་ཐིམ་པའི་རྗེས་ཉིད་དུ། །ཞེས་རྣལ་འབྱོར་པ་འཆི་དུས་ཐུགས་དམ་ལ་བཞུགས་པ་ནི། བཀའ་དཔེ་ལས། ལུས་ཅན་རྣམས་ནི་འཆི་བ་ན། །སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འཆར། །ཞེས་སྣང་མཆེད་ཐོབ་གསུམ་ཐིམ་པའི་རྗེས་སུ་གཞི་ཡི་འོད་གསལ་འཆར་བ་ལ་མཉམ་པར་འཇོག་པའོ། །
འཆི་ཁ་ནི། སྔོན་ནས་འོད་གསལ་ཉིན་མཚན་འཁོར་ཡུག་ཏུ། །ཟིན་པ་ཡོད་ཚེ་འཆི་ཁར་སྐྱེ་འཆི་རྣམས། །རང་བཞིན་མེད་པར་ངེས་པའི་ལྟ་བ་དང་། །མོས་གུས་མཚམས་སྦྱོར་བཟང་པོར་རབ་འབད་དེ། །བདག་གིས་ཕ་མ་སེམས་ཅན་དོན་གྱི་ཆེད། །འཆི་བ་འོད་གསལ་བར་དོར་ཤེས་པར་བྱ། །སྙམ་པའི་འདུན་པ་བཏང་ལ་སྔར་གོམས་པའི། །ཉམས་མྱོང་འོད་གསལ་ངང་དུ་རྩེ་གཅིག་བཞག །ཅེས་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་ཟིན་པའི་རྣལ་འབྱོར་པ་དག་གིས། འཆི་ཁར་སྐྱེ་འཆི་རང་བཞིན་མེད་པར་ངེས་པའི་ལྟ་བ་དང་། བླ་མའི་མོས་གུས་སོགས་ཀྱི་མཚམས་སྦྱོར་བཟང་པོ་དང་། སེམས་ཅན་གྱི་ཆེད་དུ་འཆི་བ་འོད་གསལ་དུ་ཤེས་པར་བྱ་བའི་འདུན་པ་རྣམས་སྔོན་དུ་བཏང་སྟེ། ཉམས་མྱོང་གི་འོད་གསལ་ལ་རྩེ་གཅིག་ཏུ་འཇོག་པས་ཤི་བར་བྱེད་པའོ། །
འཆར་དུས་ནི། རྟགས་རྣམས་རྫོགས་ནས་འདི་ཡི་སྣང་བ་ནུབ། །བར་དོའི་སྣང་བ་མ་ཤར་སྐབས་དེར་ནི། །རྟོག་པ་ཀུན་གཞིའི་སྟེང་དུ་བསྡུས་པའི་དུས། །དབུ་མའི་ཡར་མར་ཐིག་ལེ་དཀར་དམར་གཉིས། །སྲོག་རླུང་ཆེན་པོའི་རྣམ་པར་ཤེས་པ་དང་། །འོད་གསལ་མ་བུ་གཉིས་པོ་འདྲེས་པ་རྣམས། །དུས་མཉམ་སྐད་ཅིག་གཞི་ཡི་ཆོས་སྐུ་འཆར། །ཞེས་འཆི་བའི་རྟགས་རྣམས་རྫོགས་ནས་ཚེ་འདིའི་སྣང་བ་ནི་ནུབ་ཅིང། བར་དོའི་སྣང་བ་ནི་མ་ཤར་བའི་སྐབས་དེར། ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་པ་ཐམས་ཅད་ཀུན་གཞིའི་སྟེང་དུ་བསྡུས་པའི་དུས་ན། དབུ་མའི་ཡར་སྣའི་ཐིག་ལེ་དཀར་པོ་དང་། མར་སྣའི་ཐིག་ལེ་དམར་པོ་ཡར་མར་ཡོང་བ་སྙིང་གར་ཁ་སྦྱར་བའི་དབུས་སུ་སྲོག་རླུང་རྣམ་ཤེས་ཚུད་པ་དང་། གཞིའི་འོད་གསལ་མ་དང་ལམ་གྱི་འོད་གསལ་བུ་གཉིས་འདྲེས་པ་རྣམས་དུས་མཉམ་པའི་སྐད་ཅིག་ལ་གཞི་ཡི་ཆོས་སྐུ་འཆར་བའོ། །
ཐུགས་དམ་ནི། དེ་ལ་རང་ཉིད་གོམས་པ་བལྟས་པ་ན། །ཇི་ཙམ་སྡོད་པའི་རང་དབང་འདུ་བར་ནི། །འོད་གསལ་བ་ལ་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེ་ལ་མེད། །ཅེས་པའི་ལུང་འདིས་གྲུབ་པས་ན། །འདི་ནི་ཐུགས་དམ་མཚན་ཉིད་པ། །བཞུགས་པའི་ཐ་སྙད་དེ་ལ་ཟེར། །ཞེས་གཞི་ཡི་ཆོས་སྐུ་ཤར་བ་ལ་སྔར་གོམས་འོད་གསལ་གྱི་ངང་ནས་བལྟས་པ་སྔར་འདྲིས་ཀྱི་མི་བཞིན་ངོ་ཤེས་པའི་སྟེང་དུ་ཇི་ཙམ་སྡོད་པའི་རང་དབང་འདུ་བ་ནི་ཐུགས་དམ་དུ་བཞུགས་པ་མཚན་ཉིད་པ་ཡིན་ནོ། །
འཐད་པ་ནི། ཕུང་པོ་དྲི་ཞིམ་ཁ་དོག་ལེགས། །ཕྱི་ཡི་རྟགས་རྣམས་གསལ་བར་འབྱུང་། །འདི་ལ་བསམས་ནས་ཐུགས་དམ་ལ། །བཞུགས་པ་ཡིན་ཞེས་བརྗོད་པ་ཡིན། །མི་འཐད་པའང་མིན་པར་སེམས། །ཞེས་ནང་གི་རྟགས་ཕུང་པོ་དྲི་ཞིམ་ཞིང་ཁ་དོག་ལེགས་པ་དང་། ཕྱི་ཡི་རྟགས་ཡུལ་དུས་ཀྱི་མཚན་མ་བཟང་པོ་གསལ་བར་བྱུང་བ་ལ་ཐུགས་དམ་དུ་བཞུགས་པ་ཞེས་བརྗོད་པ་ནི་འཐད་པ་ཡིན་ནོ་ཞེས་སོ། །
གཞན་ཡང་འགྲོ་མགོན་ཀརྨ་ཆགས་མེད་ཀྱིས། རི་ཆོས་མཚམས་ཀྱི་ཞལ་གདམས་དང་། ཐུགས་དམ་གསལ་འདེབས་སྐོར་སོགས་ལས། རྟོགས་པའི་ཆ་ནས། སེམས་ངོ་ཅུང་ཟད་ཤེས་པ་དང་། རྩེ་གཅིག་ལ་གནས་པར་ཡང་ཐུགས་དམ་ཡོད་པ་དང་། སྤྲོས་བྲལ་དང་རོ་གཅིག་ལ་གནས་པས་ནི་འོད་གསལ་ངོས་ཟིན་ཏེ་ཐུགས་དམ་དུ་བཞུགས་པས་འཚང་རྒྱ་བ་དང་། སྒོམ་མེད་ལ་གནས་པ་ནི་སངས་རྒྱས་ཟིན་པས་ཐུགས་དམ་མེད་པར་གསུངས་ཤིང་། ཉམས་ལེན་གྱི་ཆ་ནས། ཕྱག་ཆེན་ལ་གོམས་པ། གཏུམ་མོ་ལ་གོམས་པ། འོད་གསལ་ལ་གོམས་པ། རྫོགས་ཆེན་ལ་གོམས་པ། དབུ་མ་ལ་གོམས་པ། ཕར་ཕྱིན་ལ་གོམས་པ། དབང་བཞི་ལ་གོམས་པ། བླ་མའི་རྣལ་འབྱོར་ལ་གོམས་པ། བླ་མེད་ཀྱི་དཀྱིལ་འཁོར་ལ་གོམས་པ། རོ་སྙོམས་དང་ཞི་བྱེད་ལ་གོམས་པ། འཕོ་བ་དང་གཅོད་ཡུལ་ལ་གོམས་པ། བསྐྱེད་རིམ་རྐྱང་པ་ལ་གོམས་པ་སོ་སོའི་ངོ་སྤྲོད་གསལ་འདེབས་ཞིབ་ཅིང་ཕྲ་བར་བཤད་གདའ་འོ། །

Опубликовано:

 

29 авг 2020

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии : 21   
@jamchupchomphel64
@jamchupchomphel64 3 года назад
སྐད་ཆ་ཡག་འདུག
@bonjourmerci1192
@bonjourmerci1192 3 года назад
Tashi Delek khampo la How are you?
@ngawanglodoe3293
@ngawanglodoe3293 3 года назад
བློ་སྐྱེད་མི་དམན་པ་རག་བྱུང་བས་བཀྲིན་ཆེའོ།།
@Nyangtsapenpa
@Nyangtsapenpa 3 года назад
🙏🏽🙏🏽🙏🏽🌹🌹🌹
@jamchupchomphel64
@jamchupchomphel64 3 года назад
ཡག་འདུག
@chimidorjee6213
@chimidorjee6213 3 года назад
ཧཧཧཧ ཁྱོད་ཁ་ལ་ཐར་སྤར་བ་དགུ་ཐོབས་
@liza-nf8iq
@liza-nf8iq 6 месяцев назад
🎉
@chokeyjigme9237
@chokeyjigme9237 3 года назад
དཔེ་ཡག་པོ་གསུང་གི་འདུག
@hongvo1740
@hongvo1740 3 года назад
Om Tara Tutare Ture Soha🙏🙏🙏
@namdolwangchuk4792
@namdolwangchuk4792 3 года назад
yes
Далее
МЕСТЬ МАЛОГО
00:52
Просмотров 118 тыс.
На фейсконтроле 💂
09:41
Просмотров 875 тыс.
November 6, 2023
3:41
Просмотров 9 тыс.
Mahamudra preliminary day 1 morning
3:00:19
Просмотров 14 тыс.