Тёмный

བོད་ཀྱི་ནད་པ་རོལ་ཚོགས། - དུས་ད་ལྟ་བ། Bod Kyi Nepa Roltsok - Dus Datawa (Audio) 

བོད་གཞས། Tibetansongs
Подписаться 2 тыс.
Просмотров 985
50% 1

རྟ་ཕོ་རྐྱང་དམར་བཞོན་པའི་སྐྱེས་པ་ཁྱོད་ཀྱི་ཨ་ཕ་ཡིན
ལོ་དེར་དམག་ལ་སོང་བའི་རྗེས་ནས་ཕྱིར་ལ་ལོག་མྱོང་མེད
ཉིན་ཞག་མཛུབ་མོས་བརྩིས་ཏེ་ཁྱོད་ཀྱིས་དབྱར་དགུན་གྲངས་མེད་བསྐྱལ
ནམ་ཞིག་རེ་བ་རྫོགས་པས་ཁྱོད་རང་མི་སྡོད་གཞན་ཡུལ་འགྲིམས
ཕོ་ལོ་ཉི་ཤུའི་རྗེས་ནས་ཁྱོད་ཀྱིས་ཆང་འཐུང་རྫུན་ཡང་བཤད
བུད་མེད་མང་པོར་ཉལ་ཡང་ཐམས་ཅད་བྲོ་བ་གཅིག་ཏུ་མཐོང
མགྲོན་ཁང་ཐབས་ཆགས་ཤིག་ཏུ་ཁྱོད་ཀྱིས་འཆི་བདག་ཐེངས་གཅིག་མཐོང
ཨ་ཕའི་འགྲོ་འདུག་དྲིས་ཀྱང་ཁོང་གིས་འཛུམ་སྟོན་ངག་མི་སྨྲ
འདི་ནི་བརྗེད་དུ་ཕངས་པའི་ཕ་ཡུལ་གྱི་གཏམ་རྒྱུད་ཅིག་སྟེ
ཚེ་གང་བོར་འཛུམ་མདངས་མེད་པའི་སྡུག་བསྔལ་གྱིས
ལག་ནང་ལ་ཚེས་པའི་ཟླ་བ་ཐུར་ལ་འཕངས་ཏེ
མུན་ནག་གི་རི་ཆུ་འགྲིམས་པའི་ཁེར་རྐྱང་གི་རིགས་ཡིན
འདི་ནི་ཡིད་ལ་བརྣག་པའི་ཕ་ཡུལ་གྱི་གཏམ་རྒྱུད་ཅིག་སྟེ
ལམ་གང་བོར་གྲོགས་པོ་མེད་པའི་སུན་སྣང་གིས
ལུས་སྟེང་ལ་འགོས་པའི་དབྱར་ཁ་ཕར་ལ་བསྐྲད་དེ
འཁྱགས་རྩུབ་ཀྱི་དགུན་ནམ་ཉུལ་བའི་ཨུ་ཚུགས་ཀྱི་རིགས་ཡིན
ཅི་བསམ་དོན་མི་འགྲུབ་པའི་ཁྱོད་རང་བྱ་བཞིན་ཡར་མར་འཕུར
ཁྱོད་ཀྱིས་གཞན་ལ་རྫི་བྱས་སྒོ་སྲུང་སྲང་ནས་གད་སྙིགས་རྒུམ
མཚོན་སྲུང་རྙིང་བ་ཞིག་ལས་ཁྱོད་ལ་རྒྱུ་ནོར་གང་ཡང་མེད
མཚན་མོ་མུན་པ་རུབ་དུས་སྒོ་གཏན་ལྐོག་ནས་ངུ་ལབ་བྱེད
རྒས་པའི་འབྲོག་པ་ཁྱོད་རང་ངུ་མི་ཤེས་ལ་དགོད་མི་ཤེས
རྨི་ལམ་ནང་དུ་ལུག་ཁྱུ་རྩྭ་ཐང་སྦྲ་ནག་ཡང་ཡང་འཁོར
དགུན་འཁྱགས་ཁ་བ་བུ་ཡུག་འཚུབ་པའི་མཚན་མོའི་ཁྲོམ་སྲང་དུ
གཞན་གྱིས་ཁྱོད་རང་འཇིག་རྟེན་འདི་རུ་གྱེས་པའི་རྐང་རྗེས་མཐོང
འདི་ནི་བརྗེད་དུ་ཕངས་པའི་ཕ་ཡུལ་གྱི་གཏམ་རྒྱུད་ཅིག་སྟེ
ཚེ་གང་བོར་འཛུམ་མདངས་མེད་པའི་སྡུག་བསྔལ་གྱིས
ལག་ནང་ལ་ཚེས་པའི་ཟླ་བ་ཐུར་ལ་འཕངས་ཏེ
མུན་ནག་གི་རི་ཆུ་འགྲིམས་པའི་ཁེར་རྐྱང་གི་རིགས་ཡིན
འདི་ནི་ཡིད་ལ་བརྣག་པའི་ཕ་ཡུལ་གྱི་གཏམ་རྒྱུད་ཅིག་སྟེ
ལམ་གང་བོར་གྲོགས་པོ་མེད་པའི་སུན་སྣང་གིས
ལུས་སྟེང་ལ་འགོས་པའི་དབྱར་ཁ་ཕར་ལ་བསྐྲད་དེ
འཁྱགས་རྩུབ་ཀྱི་དགུན་ནམ་ཉུལ་བའི་ཨུ་ཚུགས་ཀྱི་རིགས་ཡིན
#thetibetpatient #bodkyineparoltsok #tibetansong2023 #tibetansong

Опубликовано:

 

17 сен 2024

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии : 1   
Далее
诺布岭 (诺布岭)
3:26
Просмотров 2 тыс.
Тарковский - гений
00:48
Просмотров 742 тыс.
ཨ་ཁུ་ཡག་པ།
10:02
Просмотров 28 тыс.
Тарковский - гений
00:48
Просмотров 742 тыс.