Тёмный
No video :(

བོད་ཀྱི་ལོ་གསར་བྱུང་རིམ་དང་ལོ་འགོ་རྩིས་སྟངས་ངོ་སྤྲོད། 

TibetTV
Подписаться 124 тыс.
Просмотров 1,4 тыс.
50% 1

༄༅། །བོད་ཀྱི་ལོ་གསར་ནི་ལོ་གཅིག་གི་དུས་སྟོན་ཁག་གི་ནང་ནས་ཆེས་སྔ་ཤོས་དང་རྒྱས་ཤོས་དེ་རེད། ད་ལྟ་ང་ཚོས་བོད་ཟླ་ ༡ པོའི་ཚེས་པ་གཅིག་ལ་ཡོངས་གྲགས་ཀྱི་ལོ་གསར་རྩིས་པ་མ་གཏོགས་སྤྱིར་བཏང་བྱས་ན་བོད་ལ་ལུང་པ་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། ཞིང་ཁ་འདེབས་རྒྱུའི་དུས་ཚོད་མི་འདྲ་བའི་དབང་གིས་ལོ་གསར་རྩིས་སྟངས་ཐོག་ལ་མ་འདྲ་བ་ཁ་ཤས་ཡོད་པ་རེད། དཔེར་ན། ཀོང་པོ་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལ་ལོ་གསར་རྩིས་པ་དང་། དེ་ག་ནང་བཞིན་སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་སུ་བོད་ཟླ་བཅུ་གཅིག་པར་ལོ་གསར་རྩིས་ཀྱི་ཡོད། ཡང་དབུས་གཙང་གི་ས་ཁུལ་མང་པོ་ཞིག་ལ་སོ་ནམ་ལོ་གསར་ཞེས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་བ་སོགས་དུས་ཚོད་ཆ་ནས་གཅིག་གྱུར་ཞིག་མེད་པ་རེད། དེ་ག་ནང་བཞིན་ལོ་གསར་གཏོང་སྲོལ་ཐོག་ལ་ཡང་གཞུང་འབྲེལ་གྱི་ལོ་གསར་གཏོང་སྟངས་གཅིག་དང་དམངས་ཁྲོད་དུ་གཏོང་སྟངས་བཅས་ཁག་མི་འདྲ་བ་ཡོད་པ་རེད། ང་ཚོའི་ཐེངས་འདིའི་ལས་རིམ་བརྒྱུད་ནས་བོད་ཀྱི་ལོ་གསར་གྱི་བྱུང་རིམ་དང་གཏོང་སྟངས་སོགས་ཀྱི་སྐོར་ལ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་དང་འགན་འཛིན་ལས་རོགས་པདྨ་རྣམ་རྒྱལ་ལགས་སུ་བཅར་འདྲི་བྱས་པའི་ལས་རིམ་འདི་གཟིགས་རོགས་གནང་།

Опубликовано:

 

11 фев 2021

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии    
Далее
لدي بط عالق في أذني😰🐤👂
00:17
Просмотров 4,3 млн
Mohammad bin Salman: Prince With Two Faces
54:00
Просмотров 6 млн