Тёмный
No video :(

འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་གསོལ་དཔོན་བསམ་གཏན་ལགས། 

DRIKUNG TV
Подписаться 1,5 тыс.
Просмотров 1,9 тыс.
50% 1

འདས་པོ་གསོལ་དཔོན་བསམ་གཏན་ལགས་ཀྱི་ཕ་ཡུལ་ཡུ་ནན་ཞིང་ཆེན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། སེམས་ཀྱི་ཉི་ཟླ་རྫོང༌། ཤོག་ལྔ་ཤང༌། ཞག་ཅོག་གྲོང༌། ཡུལ་ཁོའོ་གསེར་སྒང་གི་འགུག་བདག་དུད་ཁྱིམ་གྱི་ཕ་བན་ཆུང་དང་མ་རྣམ་འཇོམས་མཚོ་མོ། རྣམ་གཉིས་ཀྱི་སྲས་སུ་སྤྱི་ལོར་༡༩༦༤ལ་འཁྲུངས། ཁོང་ཉིད་ཀྱི་ཕ་མ་རྣམ་གཉིས་ནི་རྒྱལ་བ་འབྲི་གུང་བཀའ་བརྒྱུད་པ་ལ་དད་པས་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་པ། ལྗང་རབ་རྒྱས་གླིང་དགོན་དུ་༡༩༨༦ལོར་ཆོས་ཞུགས་བྱས། ཡུ་ནན་ཕྱོགས་ནས་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་འབྲི་ཐེལ་བྱང་ཆུབ་གླིང་དང་ཡང་རི་སྒར་དགོན་དུ་སྔར་ནས་དགེ་འདུན་པ་སློབ་སྦྱོང་གནང་བར་ཕེབས་སྲོལ་ཡོད་པ་བཞིན། ཁོང་ཡང་སྤྱི་ལོ་༡༩༨༧ ལོར་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་འབྲི་ཐེལ་བྱང་ཆུབ་གླིང་དུ་ཕེབས། དཀོན་མཆོག་བསམ་གཏན་ལགས་ཐོག་མར་འབྲི་གུང་ཐེལ་དུ་ཕྲུ་གུ་དམར་མགོ་ཞེས་པའི་གྲྭ་ཤག་ཏུ་བསྡད་ནས་དགེ་སློང་མཚམས་པ་དོན་གྲུབ་ནོར་བུའི་སྐུ་མདུན་ནས་ཆོ་ག་ཆོས་སྤྱོད་སོགས་སློབ་སྦྱོང་བྱས། ཡུ་ནན་ནས་ཕེབས་པའི་དགེ་འདུན་པ་རྣམས་སྐད་ཆ་གོ་བརྡ་མ་འཕྲོད་པ་དང༌། ས་ཐག་རིང་བས་འབྲི་གུང་༧སྐྱབས་མགོན་མཆོག་ནས་དམིགས་གསལ་གཟིགས་རྟོགས་གནང་གི་ཡོད་ལ། དགོན་པ་ནས་ཀྱང་ཐུགས་འཁུར་དམིགས་བསལ་གནང་སྲོལ་ཡོད། ཁོང་དགེ་འདུན་པ་གཞན་ལྟར་ཆོས་རྗེ་རཏྣ་ཤྲིའི་སྐུ་བརྙན་མཐོང་བ་རང་གྲོལ་གྱི་སྤྱན་སྔར་དབུ་སྐྲ་ཕུལ་བ་དང་དེ་རྗེས་གྲུབ་དབང་དཔའ་ཆུང་རྡོ་རྗེ་འཆང་དཀོན་མཆོག་འཕྲིན་ལས་དཔལ་བཟང་པོའི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་ཞུས། སྐབས་དེར་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་འབྲི་ཐེལ་བྱང་ཆུབ་གླིང་དུ་ཁྲིད་དཔོན་དཔའ་ཆུང་རྡོ་རྗེ་འཆང་དབུ་བཞུགས་ཐོག སྔར་རྫོགས་པའི་སངས་རྒྱས་འཇིག་རྟེན་མགོན་པོས་འཁོར་འབུམ་ཕྲག་གི་ཆོས་འཁོར་བསྐོར་བའི་གནས་ཆེན་བླ་གཡེལ་ཐེལ་དེ་མི་མེད་གྱང་རུལ་དུ་འགྱུར་བ་དེར། སླར་དགེ་འདུན་གྱི་སྡེ་གསར་དུ་འཚུགས་ནས་གཙུག་ལག་ཁང་ཞིག་གསོ་གནང་བ་དང༌། ལྷག་པར་དུ་དགེ་འདུན་པ་བསླབ་པ་གསོ་བ་དང་སྡོམ་པ་གནང་བ། ཕྱག་ཆེན་ཆོས་དྲུག་གི་གདམས་པ་གནང་སྟེ་སྐུ་མཚམས་བཞུགས་རུ་བཅུག་པ་སོགས། མདོར་ན་རྒྱལ་བ་འབྲི་གུང་པའི་བསྟན་པའི་མི་རོ་སླར་གསོ་བར་མཛད་ཤིང༌། བསྟན་པ་རིན་པོ་ཆེའི་ཐུགས་འགན་ཐུགས་སྲས་གྲུབ་དབང་བསྟན་འཛིན་ཉི་མ་རིན་པོ་ཆེར་གནང་སྟེ། རྗེས་འཇུག་རྣམས་ལ་མི་རྟག་བརྒྱུད་བསྐུལ་གྱི་ཕྱིར་དགུང་ལོ་༨༨ལ་ཕེབས་པ་བོད་རབ་བྱུང་༡༧པའི་ས་འབྲུག་༡༩༨༨ ཧོར་ཟླ་༨ཚེས་༢༧ཉིན་ངོ་མཚར་བའི་ལྟས་དང་བཅས་དགོངས་པ་ཞི་བར་གཤེགས།
«འཁོར་བར་ངེས་འབྱུང་བཤེས་གཉེན་བཀའ་སྒྲུབ་བྱ་ཉུང་བཟོད་པས་རྒྱལ་བ་དགྱེས་མཛད་གསོལ་དཔོན་ལགས།།«
«ཆེན་པོའི་ཐོབ་དང་གོ་སར་མི་རྩོད་རྟག་ཏུ་སྒོ་རྒྱབ་ཁོ་ནར་བཞུགས་མཛད་བསམ་གཏན་ལགས། «
«གང་ནུས་ཅི་ལྕོག་རྒྱལ་བའི་ཞབས་ཕྱི་ཧུར་ཐག་གནང་མཁན་ལྷག་བསམ་གཡོ་མེད་སྐྱེས་བུ་ཁྱེད།«
«ཕྱི་ནང་དཔལ་འབྱོར་ཆགས་ཞེན་མེད་པ་ཐ་ན་རྐང་འཁོར་ཙམ་ཞིག་ཁྱེད་ལའང་མེད་པས་དགེ།«
«དངུལ་དངོས་ཡོད་ཚད་བླ་མར་འབུལ་མཁན་བཀའ་བརྒྱུད་བླ་མའི་བྱིན་རླབས་འཇུག་པ་ཁྱེད་ལ་བསྟོད།«
«ཆེན་པོའི་མིང་ནས་བསྟོད་མཁན་མེད་ནའང་རང་ནུས་ཡོད་རྒུས་བླ་མའི་ཐུགས་དགོངས་སྒྲུབ་མཛད་པ།། «
«རྒྱལ་བས་མངགས་པ་སེམས་ལ་གཏན་ཞིང་མི་བསུན་གཡོ་སྒྱུའི་ངག་ལས་རྒྱལ་མཛད་ཁྱོད་ལ་བསྟོད། «
གསོལ་དཔོན་བསམ་གཏན་ལགས་ཁོང་ཐོབ་དང་གོ་ས་མིང་དང་དཔལ་འབྱོར། གང་ལའང་ཆགས་པ་མེད་པར། གང་ཡོད་པས་འབུལ་ས་དེ་ན་ཡོད་གསུངས་པ་བཞིན། ཡོད་ཚད་༧སྐྱབས་མགོན་ཡིད་བཞིན་ནོར་བུར་འབུལ་གནང་བ་ཁོང་ཞིང་ལ་ཕེབས་སྐབས། དོན་གྱི་དགེ་འདུན་པ་ལངས་ན་སྤོས་དང་འགྱེལ་ན་ཐལ་བ་ཟེར་བ་བཞིན་གྲྭ་ཆས་བརྗེ་ལེན་ཁ་ཤས་ཞིག་དང་ལྷམ་གསར་རྙིང་ཁ་ཤས་ཞིག་ལས་དེ་མིན་གྱི་དངོས་པོ་དམིགས་གསལ་བ་གང་ཡང་མི་འདུག དངོས་ནས་འགྲོ་བདེ་སྡོད་བདེའི་ངང་ཕེབས་སོང༌། ཁོང་དགོངས་མོ་མགོ་ཅུང་ཙམ་མི་བདེ་བ་འདུག་ཟེར། ཕྱི་ཉིན་ཞིང་ལ་ཕེབས་འདུག ང་ཚོ་སྐྱེས་ནས་ཤི་དགོས། འཆི་སྟངས་སྟབས་བདེ་དེ་འདྲ་ཞིག་གི་ངང་ཕེབས་པ་ནི་གྲུབ་རྟགས་རང་རེད། ཁོང་ལ་གཞན་གྱི་ཕུལ་བའི་དངུལ་ཡང་མཆོད་གཤམ་སུ་འབུལ་ནས་བཞག་འདུག གཟིགས་དང་འདི་ཁོང་ཞིང་ལ་མ་ཕེབས་གོང་གི་ཉིན་ཁ་ཤས་གྱི་སྔོན་ལ་རེད། མི་རྟག་པ་ལ་ལོའི་ཁྱད་པར་མེད་ལ། ཆེ་ཆུང་དེ་བས་མེད། ཁྱེད་རང་སང་ཉིན་འཆི་ངེས་ཡིན་ན་གྲ་སྒྲིག་གང་ཡོད་དམ། ཁྱེད་ཀྱི་དངོས་པོ་དེ་དག་བེད་སྤྱོད་བཏང་ཟིན་པ་ཡིན་པས། མི་ཚེའི་ནང་གཞན་ཕན་དང་གཏམ་ངན་ག་ཚོད་ཡོད། ཚེ་འདི་ཕྱི་གཉིས་ལ་ཕན་པའི་བྱ་བ་གང་སྒྲུབ་ཡོད། ལྷག་ལུས་ལ་བཞག་པའི་མི་ཚེའི་གྲུབ་འབྲས་གང་ཡོད། ཅེས་དྲི་བ་འདི་དག་ང་དང་ངའི་གྲོགས་པོ་ཚོ་ལ་བཀའ་འདྲི་ཞུས་པ་ཡིན། ཁྱེད་ཀྱིས་ལྷག་ལུས་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་གནང་རོགས་གནང༌། ཅེས་འབྲི་གུང་འབར་རྒྱལ་དཀོན་མཆོག་བསྟན་འཛིན་ནས་གསོལ་དཔོན་བསམ་གཏན་རྗེས་དྲན་དང་རང་ཉིད་འགྱུར་བ་གཏོང་ཕྱིར་བྲིས།།«

Опубликовано:

 

26 авг 2024

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии : 5   
@antsegawa8258
@antsegawa8258 3 месяца назад
དངོས་ནས་རེད། ཁོང་འདྲ་བའི་འབྲི་གུང་ཚང་མི་སྣ་བཀའ་དྲིན་ཆེ་དཀོན་པོ་རེད།
@chandradawa630
@chandradawa630 8 месяцев назад
🙏🙏🙏🥺🥺🥺
@rewa_88
@rewa_88 Год назад
🙏🙏🙏☀️
@KonchokSomo
@KonchokSomo Год назад
🙏🌈
@sakurablossom9245
@sakurablossom9245 2 месяца назад
🌸🌺🪷🙏🙏🙏🪷🌺🌸
Далее
Oh No! My Doll Fell In The Dirt🤧💩
00:17
Просмотров 2 млн
25 June 2024
7:06
Просмотров 10 тыс.
Oh No! My Doll Fell In The Dirt🤧💩
00:17
Просмотров 2 млн