Тёмный
No video :(

སློབ་ཕྲུག་གི་ཆེད་དུ་སྒོམ་སྒྲུབ་འཆད་ཁྲིད། ལྷ་རམས་པ་གྲགས་པ་ངག་དབང་སྐལ་བཟང་མཆོགMeditation for students1 

Sherig Video
Подписаться 20 тыс.
Просмотров 14 тыс.
50% 1

སྒོམ་སྒྲུབ་འཆད་ཁྲིད། ལྷ་རམས་པ་གྲགས་པ་ངག་དབང་སྐལ་བཟང་མཆོག
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢ ནས་ ༢༥ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཐུན་མོང་ནས་བོད་པའི་སློབ་ཕྲུག་ཡོངས་ཀྱི་ཆེད་དུ་སེམས་ཞི་བར་གནས་ཐབས་ཐུན་བརྒྱད་ཅན་གྱི་སྒོམ་སྒྲུབ་འཆད་ཁྲིད་ཀྱི་ལས་རིམ་ཞིག་ཆེད་མངགས་གོ་སྒྲིག་ཞུས་ཡོད། ལས་རིམ་འདིའི་འཆད་ཁྲིད་པ་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་གྲགས་པ་ངག་དབང་སྐལ་བཟང་མཆོག་ཡིན་པ་དང་། འཆད་ཁྲིད་འདི་ཉིད་ཟླ་ ༡༢ པའི་རེས་གཟའ་ལྷག་པ་དང་པ་སངས་ནམ་ཡིན་ལ་གནང་རྒྱུ་ཡིན། འཆད་ཁྲིད་ཀྱི་རེའུ་མིག་གཤམ་གསལ་ལྟར་ཡིན་པས་སློབ་ཕྲུག་ཡོངས་ནས་ཐུགས་སྣང་ཆེན་པོས་གསན་གཟིགས་ཀྱིས་སྦྱོང་བརྡར་དང་ཉམས་ལེན་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཐུན་དང་པོ། སྒོམ་གྱི་ངོ་བོ་མདོར་བསྟན་ནས་དེའི་དབྱེ་བ་དང་རྣམ་གྲངས་བཤད་ནས་རྒྱས་པའི་རྒྱུ་བཞིའི་ངོ་སྤྲོད། ༢༠༢༠།༡༢།༢ རེས་གཟའ་ལྷག་པ།
ཐུན་གཉིས་པ། གཞུང་ཆེན་པོའི་ཁུངས་དྲངས་ནས་དེ་དག་གི་དོན་ཅུང་ཟད་རེ་འགྲེལ་བ། ༢༠༢༠།༡༢།༤ རེས་གཟའ་པ་སངས།
ཐུན་གསུམ་པ། ཞི་གནས་ཀྱི་ཚོགས་སམ་སྒོམ་རྒྱབ་པའི་ཆ་རྐྱེན་ངོ་སྤྲོད། ༢༠༢༠།༡༢།༩ རེས་གཟའ་ལྷག་པ།
ཐུན་བཞི་པ། སྒོམ་རྒྱབ་དུས་ཀྱི་ལུས་སྤྱོད་ལམ་ཆོས་བདུན་ལྡན་བཤད་ནས་སྒོམ་གྱི་དམིགས་པ་ངོ་སྤྲོད། ༢༠༢༠།༡༢།༡༡ རེས་གཟའ་པ་སངས།
ཐུན་ལྔ་པ། ཉིན་རེའི་འཚོ་བའི་ཁྲོད་སྒོམ་གྱི་ཉམས་ལེན་ཁྱེར་སྟངས་བཤད་པ། ༢༠༢༠།༡༢།༡༦ རེས་གཟའ་ལྷག་པ།
ཐུན་དྲུག་པ། ཉེས་པ་ལྔ་པོ་སྤྱི་དང་བྱིང་རྒོད་ཕྲ་རགས་གཉིས་བྱེ་བྲག་ཏུ་བཤད་པ། ༢༠༢༠།༡༢།༡༨ རེས་གཟའ་པ་སངས།
ཐུན་བདུན་པ། སེམས་གནས་ཐབས་ཀྱི་ཏིང་ངེ་འཛིན་དགུ་དང་དེ་དག་སྟོབས་དྲུག་གིས་འགྲུབ་ལུགས་བཤད་པ། ༢༠༢༠།༡༢།༢༣ རེས་གཟའ་ལྷག་པ།
ཐུན་བརྒྱད་པ། ཞི་གནས་འགྲུབ་ལུགས་ཀྱི་སྒྲུང་ཐུང་ཞིག་དང་ཏིང་ངེ་འཛིན་གྱི་དཔེ་རིས་ངོ་སྤྲོད། ༢༠༢༠།༡༢།༢༥ རེས་གཟའ་པ་སངས།

Subscribe to SherigVideo
SherigVideo gets more interesting and more entertaining in future
Do not forget to LIKE & SHARE the Video
COMMENT and let us know your views and suggestion for SherigVideo Channel
Find Us on:
FACEBOOK: / tibetaneducation
OFFICIAL WEBSITE: sherig.org/
visit our E-Learning Portal: bodyiglobjong.com/
© 2017 Department of Education CTA

Опубликовано:

 

30 ноя 2020

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии    
Далее
Episode 61 - Hossein Moazzen | Byteager Game Studio
3:09:05
OBLADAET - BARMAN
03:06
Просмотров 236 тыс.