#NewTibetanSong #ArenDolma
ཁ་ཆད།
ཚིག གེའུ
དབྱངས། ཨ་རིན་སྒྲོལ་མ།
ལེན་མཁན། ཨ་རིན་སྒྲོལ་མ།
ལས་ཀྱིས་བསྡུས་པ་འདྲ་ལེ།
ལས་ལ་བསྐོས་པ་འདྲ་ལེ།
སེམས་པའི་གུར་དུ་བཞུགས་པའི་མི་ལ།
ཚེ་རིང་ནད་མེད་ཡོང་དགོས།
འཇིག་རྟེན་བདེ་བཟོ་མེད་པ།
འུ་ཚོའི་ཉེས་དམིགས་ཡིན་ཡང་།
ལོག་ཡོང་ཁ་ཆད་འཇོག་ན།
ངས་ཀྱང་སྒུག་དགོས་ཡོད་དོ།
སྟོན་ལོ་སེར་པོ་འདྲ་ལེ།
ཁ་ཆར་འདྲེས་མ་འདྲ་ལེ།
ཕྱིར་མིག་ལམ་དུ་ཚེས་པའི་ཟླ་བ།
ནག་ནོག་མེད་པ་ཡོང་དགོས།
འཕེལ་ཀྱང་འགྲིབ་ནས་ཡོང་བ།
ཆོས་ཉིད་གཅེར་བུ་ཡིན་ཡང་།
ལོག་ཡོང་ཁ་ཆད་འཇོག་ན།
ངས་ཀྱང་སྒུག་དགོས་ཡོད་དོ།
17 ноя 2021