Тёмный

New Tibetan Song 2023 | Nagchukha | Tampa Bu Combination | ནག་ཆུ་ཁ། | ཁྲམ་པ་བུ་ཚན་སྡེབ། 

Dhargye Tibet Tune
Подписаться 3 тыс.
Просмотров 20 тыс.
50% 1

ནག་ཆུ་ཁ།
ཚིག་དང་གདངས། ཁྲམ་པ་བུ་ཚན་སྡེབ།
ལེན་མཁན། ཁྲམ་པ་བུ་ཚན་སྡེབ།
ཆུང་ནས་འཚར་ལོངས་བྱུང་ས།
ཕ་ཡུལ་ནག་ཆུ་ཁ།
གཞོན་ནུའི་ལང་ཚོ་རྒྱས་ས།
ཕ་ཡུལ་ནག་ཆུ་ཁ།
སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག
དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས།
མདོ་བའི་བང་རྩལ་འགྲན་ས།
གེ་སར་སྒྲུང་གཏམ་དར་ས།
ཨ་ལ་ལ་མོ་ཨ་ལ་ལེན།
ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད།
གླུ་ཨ་ལ་ལེན་བཞིན་ནག་ཆུ་ཁ་ལ་འགྲོ།
གླུ་ཨ་ལ་ཨ་ལ་ཨ་ལ་རེད།
མ་ཐ་ལ་ངག་གིས་འགུག་ལུགས་རེད།
ཡང་ས་འདི་ས་ངོ་མ་ཤེས་ན།
སོག་གཡག་ལ་སེ་བོའི་ལ་རྩེ་རེད།
བུ་དབང་ཐང་ཅན་གྱི་རྒྱབ་རི་རེད།
བསང་རླུང་རྟ་མཆོད་ན་འདི་ནས་མཆོད།
དུས་དེ་རིང་བུ་ལ་སྡོང་གྲོགས་མཛོད།
ཕ་ཨ་མྱེའི་གླིང་སྒྲུང་ཉན་ཉན་ཉིན་སྒྲུང་གཞན་ཉན་ན་ཉན་འདོད་མི་གདའ།
བྱང་འབྲོག་པའི་དམངས་གླུ་བླངས་བླངས་ཉིན་གླུ་གཞན་ལེན་ན་ལེན་འདོད་མི་གདའ།
བྱང་འབྲོག་པའི་སྒོར་བྲོ་འཁྲབ་འཁྲབ་ཉིན་བྲོ་གཞན་འཁྲབ་ན་འཁྲབ་འདོད་མི་གདའ།
ཕ་འབྲོག་པའི་འབྲོག་ཟས་ཟོས་ཟོས་ཉིན་ཟས་གཞན་ཟོས་ན་ཟ་འདོད་མི་གདའ།
ལྟོས་དང་ཁོར་ཁེད་ནག་ཆུ་ཁ་ལ།
རྩྭ་ཐང་གཡུ་ཡི་མེ་ལོང་སྟེང་ལ་མེ་ཏོག་མགོ་ལྕོག་ལྡེམ་ལྡེམ།
འཇག་མས་ཤུ་ལུ་སངས་སངས།
མདོ་བ་རྟ་ཕོའི་གོམ་ལག་དེ་ཚོ་ས་ལ་མ་ཐུག་ལྡེམ་ལྡེམ།
གནམ་ལ་མ་ཐུག་ཁྲིག་ཁྲིག
སྟག་ཤར་གཞོན་ནུའི་ཀི་སྒྲ་དེ་ཚོ་ཨ་སྔོན་གནམ་ཡང་བསང་བསང་།
དོག་མོ་ས་ཡང་ཡོམ་ཡོམ།
དམན་ཆུང་བུ་མོའི་སྐྲ་ལོ་དེ་ཚོ་ལུས་ལ་མ་ཐུག་ཤམ་ཤམ།
ས་ལ་མ་ཐུག་ཁྲིག་ཁྲིག
ལྡེམ་ལྡེམ་གར་གྱི་སྟངས་སྟབས་མཛེས་ས།
སྐྱིད་པའི་ནག་ཆུ་ཁ།
སྙན་སྙན་དམངས་གླུའི་བྲོ་བ་སྙན་ས།
དགའ་བའི་ནག་ཆུ་ཁ།
ཕོ་གསར་གཡས་ནས་ལ་གཞས་ལེན་ས།
མོ་གསར་གཡོན་ནས་བྲོ་གར་ལྡེམ་ལྡེམ།
འབྲོག་གླུ་རྣ་བར་སྙན་ས།
གར་གྱི་སྟངས་སྟབས་མཛེས་ས།
ཨ་ལ་ལ་མོ་ཨ་ལ་ལེན།
ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད།
གླུ་ཨ་ལ་ལེན་ཞིག་ལོ་ཆུང་མཉམ་དུ་འགྲོ།
སྟག་ཤར་གཞོན་ནུ་ཉོབ་ནས་མ་འདུག་དགྲ་ཀི་ལན་གཅིག་རྒྱོབ་ཤོག
དམན་ཆུང་བུ་མོ་ཉོབ་ནས་མ་སྡོད་རྡོག་བྲོ་ལན་གསུམ་རྒྱོབ་ཤོག
སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག
དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས།
སྟག་ཤར་དབུ་འཕང་མཐོ་ས།
དམན་ཆུང་སྐྱེས་གཟུགས་མཛེས་ས།
ཨ་ལ་ལ་མོ་ཨ་ལ་ལེན།
ཐ་ལ་ལ་མོ་ལེན་ནས་འགྲོ་རེད།

Опубликовано:

 

18 сен 2024

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии : 12   
@dolkermemo8671
@dolkermemo8671 Месяц назад
@Minkyi8078
@Minkyi8078 Год назад
Super super duber ❤❤❤❤❤
@tseringchodon5959
@tseringchodon5959 Год назад
Nice song
@namgyalnamgyal9228
@namgyalnamgyal9228 11 месяцев назад
👍👍👍👍👍
@tsewangpaldon8647
@tsewangpaldon8647 Год назад
🎉🎉🎉
@kunsangwangmo9687
@kunsangwangmo9687 11 месяцев назад
🎉❤🎉
@kalsangjigdel9230
@kalsangjigdel9230 Год назад
ངོ་མ་སྙན་པོ་གདའ།👍💐🙏
@user-cp6cf7dg5s
@user-cp6cf7dg5s Год назад
🎉🎉🎉🎉🎉
@KonchokSamten-x1f
@KonchokSamten-x1f 11 месяцев назад
སྙན་པ་ལ་ཚད་མི་འདུག
@sogshod
@sogshod 9 месяцев назад
ནག་ཆུ་ཁ། ཚིག་དང་གདངས། ཁྲམ་པ་བུ་ཚན་སྡེབ། ལེན་མཁན། ཁྲམ་པ་བུ་ཚན་སྡེབ། ཆུང་ནས་འཚར་ལོངས་བྱུང་ས། ཕ་ཡུལ་ནག་ཆུ་ཁ། གཞོན་ནུའི་ལང་ཚོ་རྒྱས་ས། ཕ་ཡུལ་ནག་ཆུ་ཁ། སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས། མདོ་བའི་བང་རྩལ་འགྲན་ས། གེ་སར་སྒྲུང་གཏམ་དར་ས། ཨ་ལ་ལ་མོ་ཨ་ལ་ལེན། ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད། གླུ་ཨ་ལ་ལེན་བཞིན་ནག་ཆུ་ཁ་ལ་འགྲོ། གླུ་ཨ་ལ་ཨ་ལ་ཨ་ལ་རེད། མ་ཐ་ལ་ངག་གིས་འགུག་ལུགས་རེད། ཡང་ས་འདི་ས་ངོ་མ་ཤེས་ན། སོག་གཡག་ལ་སེ་བོའི་ལ་རྩེ་རེད། བུ་དབང་ཐང་ཅན་གྱི་རྒྱབ་རི་རེད། བསང་རླུང་རྟ་མཆོད་ན་འདི་ནས་མཆོད། དུས་དེ་རིང་བུ་ལ་སྡོང་གྲོགས་མཛོད། ཕ་ཨ་མྱེའི་གླིང་སྒྲུང་ཉན་ཉན་ཉིན་སྒྲུང་གཞན་ཉན་ན་ཉན་འདོད་མི་གདའ། བྱང་འབྲོག་པའི་དམངས་གླུ་བླངས་བླངས་ཉིན་གླུ་གཞན་ལེན་ན་ལེན་འདོད་མི་གདའ། བྱང་འབྲོག་པའི་སྒོར་བྲོ་འཁྲབ་འཁྲབ་ཉིན་བྲོ་གཞན་འཁྲབ་ན་འཁྲབ་འདོད་མི་གདའ། ཕ་འབྲོག་པའི་འབྲོག་ཟས་ཟོས་ཟོས་ཉིན་ཟས་གཞན་ཟོས་ན་ཟ་འདོད་མི་གདའ། ལྟོས་དང་ཁོར་ཁེད་ནག་ཆུ་ཁ་ལ། རྩྭ་ཐང་གཡུ་ཡི་མེ་ལོང་སྟེང་ལ་མེ་ཏོག་མགོ་ལྕོག་ལྡེམ་ལྡེམ། འཇག་མས་ཤུ་ལུ་སངས་སངས། མདོ་བ་རྟ་ཕོའི་གོམ་ལག་དེ་ཚོ་ས་ལ་མ་ཐུག་ལྡེམ་ལྡེམ། གནམ་ལ་མ་ཐུག་ཁྲིག་ཁྲིག སྟག་ཤར་གཞོན་ནུའི་ཀི་སྒྲ་དེ་ཚོ་ཨ་སྔོན་གནམ་ཡང་བསང་བསང་། དོག་མོ་ས་ཡང་ཡོམ་ཡོམ། དམན་ཆུང་བུ་མོའི་སྐྲ་ལོ་དེ་ཚོ་ལུས་ལ་མ་ཐུག་ཤམ་ཤམ། ས་ལ་མ་ཐུག་ཁྲིག་ཁྲིག ལྡེམ་ལྡེམ་གར་གྱི་སྟངས་སྟབས་མཛེས་ས། སྐྱིད་པའི་ནག་ཆུ་ཁ། སྙན་སྙན་དམངས་གླུའི་བྲོ་བ་སྙན་ས། དགའ་བའི་ནག་ཆུ་ཁ། ཕོ་གསར་གཡས་ནས་ལ་གཞས་ལེན་ས། མོ་གསར་གཡོན་ནས་བྲོ་གར་ལྡེམ་ལྡེམ། འབྲོག་གླུ་རྣ་བར་སྙན་ས། གར་གྱི་སྟངས་སྟབས་མཛེས་ས། ཨ་ལ་ལ་མོ་ཨ་ལ་ལེན། ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད། གླུ་ཨ་ལ་ལེན་ཞིག་ལོ་ཆུང་མཉམ་དུ་འགྲོ། སྟག་ཤར་གཞོན་ནུ་ཉོབ་ནས་མ་འདུག་དགྲ་ཀི་ལན་གཅིག་རྒྱོབ་ཤོག དམན་ཆུང་བུ་མོ་ཉོབ་ནས་མ་སྡོད་རྡོག་བྲོ་ལན་གསུམ་རྒྱོབ་ཤོག སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས། སྟག་ཤར་དབུ་འཕང་མཐོ་ས། དམན་ཆུང་སྐྱེས་གཟུགས་མཛེས་ས། ཨ་ལ་ལ་མོ་ཨ་ལ་ལེན། ཐ་ལ་ལ་མོ་ལེན་ནས་འགྲོ་རེད།
@tobpubg7203
@tobpubg7203 9 месяцев назад
བརྙན་དེ་སྣང་བར་དེ་ཙམ་མ་བྱུང་། ཡིན་ན་ཡང་གཞས་ངོ་མ་སྙན་མོ་འདུག
@delekyangkyichongtsatsang6701
@delekyangkyichongtsatsang6701 5 месяцев назад
ཙཙཙཙཙཙཙ
Далее
Nonstop Gorshey || Wedding || MN 2022
1:43:54
Просмотров 53 тыс.
Как мы играем в игры 😂
00:20
Просмотров 981 тыс.
Shirim Mimang September 22, 2024
1:54:29
Просмотров 11 тыс.