དམིགས་བསལ་ལས་རིམ། རྡོར་གླིང་བོད་མིའི་རང་འཚོའི་བཟོ་གྲྭ
Refugee self help handicraft centre in Darjeeling
ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༡༠ ཚེས་ ༢ ཉིན་༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཟླ་ཞིང་གཤེགས་དམ་པ་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱིས་དེའི་དུས་སུ་བོད་ནས་བྲོས་བྱོལ་ལ་ཕེབས་མཁན་ཚོར་འཚོ་བའི་རྟེན་གཞིར་དམིགས་ཏེ་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དུ་བོད་མིའི་རང་འཚོའི་བཟོ་གྲྭ་ཞེས་ལག་ཤེས་ཁང་ཞིག་ཆེད་འཛུགས་གནང་ཡོད། ད་ལྟའི་ཆར་ལག་ཤེས་ཁང་དེར་ལག་ཤེས་སྦྱོང་མཁན་དང་ཕྱག་ལས་གནང་མཁན་དཀོན་པོ་ཡོད་མིན་ལ་མ་ལྟོས་པར་ད་ཡོད་ཀྱི་ལས་བྱེད་ཚོས་ཐུན་མིན་གྱི་སྒྱུ་རྩལ་ལས་རིགས་དེ་ཉར་ཚགས་ཧུར་ཐག་གནང་བཞིན་ཡོད།
རླུང་འཕྲིན་ཁང་གི་ལག་ཤེས་བཟོ་གྲྭ་འདིའི་ཆགས་རབས་ལོ་རྒྱུས་དང་འབྲེལ་དེའི་ནང་སྒྱུ་རྩལ་ལས་རིགས་གང་གཉེར་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་ཁུལ་དེར་མི་ལོ་ ༥༣ ལྷག་གི་རིང་ཕྱག་ལས་གནང་ནས་རིམ་པས་ཐེམ་པ་རིམ་འཛེགས་ཀྱིས་ད་ཆ་བཟོ་གྲྭ་དེའི་འགན་འཛིན་གྱི་ཐུགས་འགན་བཞེས་བཞིན་པ་རྡོ་རྗེ་ཚེ་བརྟན་ལགས་སུ་བཅར་འདྲི་ཞུས་པའི་ཕྱོགས་སྒྲིག་ལེ་ཚན།
Mrs. Deky Dolkar Thondup, wife of Gyalo Thondup (elder brother of H. H. The Dalai Lama), who conceived the idea of this Tibetan Refugee Self Help Centre and having established it on the 2nd of October 1959, worked selflessly and with utmost devotion not only to make this Centre a successful and enduring venture in the service of the Tibetan People. She took the responsibility to armed thousands of fleeing Tibetans with handicraft skills. Dorjee Tsetan, current director of the handcraft centre walked us through history and current operations.
Find more from Voice Of Tibet:
Website: www.vot.org
RU-vid: / voiceoftibet
Twitter: / vot_tibetan
Instagram: / voice.of.tibet
Facebook: / voiceoftibet
20 окт 2024