རྩ་རིའི་སྨྱུག་གཞས།
སྨྱུག་མ་སྐྱེས་སའི་སྐྱེ་(ལ)ཡུལ།།
རྩ་རིའི་རོང་ནས་སྐྱེད་(ལ་ཨ་་་)བྱུང་།།
||: སྨྱུག་མ་ཤུན་རི་(ཡ་ལ)ཤུན་ཚད།།
རྩ་རིའི་རོང་ནས་(ལ་)སྐྱེད་བྱུང་།།:||
སྨྱུག་མ་རྩ་བ་བཅད་(ལ་་)ནས།།
ཇ་ཁྲ་ཉན་པ་ཡོད་(ལ.ཨ་་་)དོ།། ལྷ་ང་་་
||: མཆོད་ཆང་ཞིམ་རེ་(ཡ་ལ)ཞིམ་ཚད།།
ཇ་ཁྲའི་ནང་ནས་(ལ)བཀྱགས་ཡོད།།:||
2
སྨྱུག་མ་སྐེད་པ་བཅད་(ལ་་)ནས།།
འཕྲེད་གླིང་ཉན་པ་ཡོད་(ལ)དོ།། ལ་་་
||: གླུ་གཞས་སྙན་རེ་(ཡ་ལ)སྙན་ཚད།།
འཁྲེད་གླིང་ནང་ནས་(ལ) ཕུལ་ཡོད།།:||
སྨྱུག་མ་རྩེ་མོ་བཅད་(ལ)ནས།།
དབུ་ཤིང་ཉན་པ་ཡོད་(ལ)དོ།།ལ་་་
||: དབུ་ལྕོག་ཚོས་སྣ་(ཡ་ལ)འཛོམས་པ།།
དབུ་ཤིང་རྩེ་ལ་(ནི)བསྒྲགས་ཡོད།། :||
12 сен 2024