༄།། འགྱོད་པ་མེད།།
ལབ་མི་དགོས་
ཁྱེད་ལ་འགུག་ན་
ང་རང་སྨྱོན་པ་ཆགས་ས་རེད།
མདུན་ལ་བལྟ།
རྒྱབ་ལ་བལྟ་ན་
ང་རང་ལམ་ཀ་བརླག་ས་རེད།
ཁྱེད་སྐོར་ལ་བསམ་བློ་
འཁོར་བའི་སྐབས་སུ་
ངའི་སེམས་པ་ཧ་ཅང་སྐྱོ་ས་རེད་།
མདུན་ལ་བལྟ། རྒྱབ་ལ་བལྟ་ན་
ང་རང་ལམ་ཀ་དགག་ས་རེད།
ཁྱེད་སེམས་ལ་འགྱུར་བ་འཐེབས།
ངའི་སེམས་ལ་འགྱུར་བ་མེད་།
ཁྱེད་སེམས་ཀྱི་མི་གཞན་འཚོལ།
ངའི་སེམས་ལ་ཐབས་ལམ་མེད་།
ཡིན་ནས་ངའི་སེམས་ལ་འགྱོད་པ་མེད་།
ལབ་མི་དགོས།
གྲོགས་རོགས་བྱེད་ཆོག་
ཁྱེང་དང་ང་གི་ལམ་དེ་ལོགས་དགར་རེད་།
ཐུག་པའི་སྐབས་སུ་སྐད་ཆ་བཤད་ཆོག་
རྒྱབ་ཏུ་སློག་དུས་ལུང་པ་བརྗེད་།
ཁྱེད་མཉམ་མི་གཞན་མཐོང་པ་ཡིན་ན།
ངའི་སེམས་པ་ཧ་ཅང་སྐྱོ་ས་རེད་།
མདུན་ལ་བལྟ།
རྒྱབ་ལ་བལྟ་ན་
ང་རང་ལམ་ཀ་བརླག་ས་རེད།
ཁྱེད་སེམས་ལ་འགྱུར་བ་འཐེབས།
ངའི་སེམས་ལ་འགྱུར་བ་མེད་།
ཁྱེད་སེམས་ཀྱི་མི་གཞན་འཚོལ།
ངའི་སེམས་ལ་ཐབས་ལམ་མེད་།
ཡིན་ནས་ངའི་སེམས་ལ་འགྱོད་པ་མེད་། ༤
དེ་རིང་མཚན་མོ་མཚན་ཚོགས་ལ་འགྲོ་གོ་ཨ
མཚན་ཚོགས་ནང་ཞབས་བྲོ་རྒྱབ་གོ་ཨ
འགྱོད་པ་མེད་
Written & Directed by Yonten
D.O.P/Cinematographer : Nyibum
Music Produced by Deep
1 окт 2024