Тёмный

༄༅། །དོན་བརྒྱུད་དཔལ་ལྡན་འབྲུག་པའི་བྱུང་རབས་ངོ་སྤྲོད། 

TibetTV
Подписаться 122 тыс.
Просмотров 11 тыс.
50% 1

དོན་བརྒྱུད་དཔལ་ལྡན་འབྲུག་པའི་གདན་ས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་མཁན་པོ་བསོད་ནམས་དབང་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༨༨ ལོར་བོད་མདོ་ཁམས་སྡེ་དགེའི་ཕྱོགས་སུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༩ ལོར་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྡེ་དགོན་ཕུ་དགོན་དུ་ཆོས་སྒོར་ཞུགས་ཤིང་། ཕྱི་ལོ་ ༢༠༠༥ ལོར་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་དང་། ཀུན་མཁྱེན་པདྨ་དཀར་པོའི་གཞུང་འགྲེལ་ཁག་གཙོས་ཐུན་མིན་གཞུང་ཆེན་ཁག་ལ་གསན་བསམ་གནང་ཡོད་འདུག
ཕྱི་ལོ ༢༠༠༩ ལོར་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་ཐོབ། ཕྱི་ལོ ༢༠༡༣ ལོར་སློབ་ཐོན་པའི་ལག་ཁྱེར་ཐོབ་ནས་ལོ་གཉིས་རིང་མཐོ་སློབ་རང་དུ་འཛིན་གྲྭའི་དགེ་རྒན་གནང་། ཕྱི་ལོ ༢༠༡༦ ནས་མཐོ་སློབ་ཀྱི་ཡན་ལག་ཏུ་གཏོགས་ཤིང་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་མཆོག་གིས་ཆག་བཏབ་པའི་བཙུན་མ་བརྒྱ་ལྷག་ཡོད་པའི་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་བཤད་གྲྭར་སློབ་སྤྱིའི་འགན་ཁུར་བཞེས་འདུག གཞན་ཡང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྡེ་ལ་དྭགས་ཟངས་དཀར་ཕྱོགས་ཀྱི་སྟ་རི་མོ་དགོན་པར་དྭགས་པོའི་ཐར་རྒྱན་དཔེ་ཁྲིད་གནང་། ཕྱི་ལོ་ ༢༠༡༧ ལོར་དོ་བརྒྱུད་དཔལ་ལྡན་འབྲུག་པའི་གདན་ས་འབྲུག་མཐོ་སློབ་དྷརྨ་ཀཱ་ར་རང་ནས་མཁན་པོའི་མཚན་གནས་བཞེས། ཕྱི་ལོ་ ༢༠༡༨ ལོར་རང་གཞུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་རིས་མེད་བགྲོ་གླེང་ཐེངས་གསུམ་པའི་ཐོག་བཀའ་བརྒྱུད་ཕྱོགས་ནས་བགྲོ་གླེང་དམ་བཅའ་བཞག་པའི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༡༦ ནས་ད་ལྟའི་བར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་བཤད་གྲྭའི་སློབ་སྤྱིའི་མཛད་འགན་བཞེས་བཞིན་ཡོད་འདུག

Опубликовано:

 

22 ноя 2020

Поделиться:

Ссылка:

Скачать:

Готовим ссылку...

Добавить в:

Мой плейлист
Посмотреть позже
Комментарии    
Далее
Прятки #nyanmp3
00:25
Просмотров 1,8 млн
Прятки #nyanmp3
00:25
Просмотров 1,8 млн