༄༅། །ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༤ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྟོན་པའི་འཁྲུངས་རབས་གསུང་ཆོས་སྐབས་སྩལ་བའི་སྔོན་འགྲོའི་ཆོས་བཤད་སུ་ནང་ཆོས་ལ་དད་པ་ཇི་ལྟར་བྱ་དགོས་མིན་དང་། གང་འདྲ་ཞིག་ལ་དཀོན་མཆོག་གསུམ་ཞེས་བརྗོད་པ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་གོ་དོན་གང་ཡིན། རྒྱུན་དུ་མི་སེམས་བཟང་པོ་བྱ་དགོས་ཚུལ་སོགས་ཀྱི་ནང་ཆོས་ངོ་སྤྲོད་སྩལ།
21 сен 2024